Artículos relacionados a གྲོད་པ་ཤ...

གྲོད་པ་ཤིན་ཏུ་ལྟོགས་པའི་སྔོ་འབུ་ཆུང་ཆུང་། THE VERY HUNGRY CATERPILLAR (Tibetan) - Tapa dura

 
9787223061971: གྲོད་པ་ཤིན་ཏུ་ལྟོགས་པའི་སྔོ་འབུ་ཆུང་ཆུང་། THE VERY HUNGRY CATERPILLAR (Tibetan)

Esta edición ISBN ya no está disponible.

Sinopsis

དུས་རབས་ཕྱེད་ཀའི་སྔོན་གྱི་སྤྱི་ལོ༡༩༦༩ལོར། ཨ་རིའི་སྒྱུ་རྩལ་པ་ཨེ་རུས་ཁར་རོའོ་ཡིས་ཕྲུ་གུ་ཚོར་འབུའི་སྐོར་གྱི་སྒྲུང་དེབ་ཅིག་གསར་རྩོམ་བྱེད་རྒྱུར་མནོ་བསམ་བཏང་། ལོ་དེར་ The Very Hungry Caterpillar འགྲེམ་སྤེལ་བྱས། བསམ་ཡུལ་ལས་འདས་པ་ཞིག་ལ་དེའི་རྗེས་ཀྱི་ལོ་༥༠ཡི་ནང་དཔེ་དེབ་འདི་སྐད་རིགས༦༦ལ་སྒྱུར་ཟིན་ཞིང་། དེབ་འདི་ཁྱོན་ས་ཡ་༥བྲིན་ལ། བྱིས་པའི་རིས་དེབ་རྩེ་གྲ་ཞིག་ཏུའང་འགྱུར། ཝི་རྨང་ཤེས་བྱ་ཀུན་བཏུས་ལ་གཞིགས་ན། འཛམ་གླིང་ཐོག་ཆ་སྙོམས་སྐར་མ་རེར་《གྲོད་པ་ཤིན་ཏུ་ལྟོགས་པའི་སྔོ་འབུ་ཆུང་ཆུང་》ཞེས་པའི་དེབ་རེ་བྲིན་ཟེར།རྩོམ་པ་པོ་ཨེ་རུས་ཁར་རོའོ་ཡིས་བྱིས་པ་ཚོས་དགའ་པོ་བྱས་པས་གཞི་ནས་དེབ་དེ་ལོ་༥༠ཡི་ནང་མཚམས་འཇོག་མ་བྱས་པར་ཡིག་སྒྱུར་དང་བསྐྱར་པར་བྱས་པར་ངོས་འཛིན་བྱེད། ད་ལོ་ཏག་ཏག་དཔེ་དེབ་དེ་འགྲེམ་སྤེལ་བྱས་ནས་ལོ་༥༠འཁོར་བ་དང་། དེ་རིང་རྩོམ་པ་པོ་ཨེ་རུས་ཁར་རོའོ་དགུང་ལོ༩༠ལ་སླེབས་པའི་འཁྲུངས་སྐར་ཡང་ཡིན། དམིགས་བསལ་གྱི་དུས་ཚོད་དེའི་ནང་། ང་ཚོས་དགའ་སྤྲོ་དཔག་མེད་ངང《གྲོད་པ་ཤིན་ཏུ་ལྟོགས་པའི་སྔོ་འབུ་ཆུང་ཆུང་》ཞེས་པའི་དཔེ་དེབ་དེ་བོད་ཡིག་ཏུ་སྒྱུར་ནས་འགྲེམ་སྤེལ་བྱས། དེའང་བོད་སྐད་དེ་ཉིད་དཔེ་དེབ་དེ་སྐད་སྒྱུར་ཨང་༦༦བྱས་པ་དེ་རེད།《གྲོད་པ་ཤིན་ཏུ་ལྟོགས་པའི་སྔོ་འབུ་ཆུང་ཆུང་》ཞེས་པའི་དཔེ་དེབ་དེ་ལོ་༡ནས༦བར་གྱི་བྱིས་པར་ཕ་མ་ཚོས་ཀློག་ན་འཚམ་པ་དང་། ཨེ་རུས་ཁར་ཡིས་ཚོན་མདོག་དང་། ཟས་རིགས། ཨང་ཀི། དུས་ཚོད་སོགས་བྱིས་པའི་ངོས་འཛིན་གྱི་བརྗོད་བྱ་གཙོ་བོར་བྱས་ནས་སྔོ་འབུ་ཆུང་ཆུང་ཇི་ལྟར་བྱས་ཏེ་ཕྱེ་མ་ལེབ་ལ་འགྱུར་བའི་བརྒྱུད་རིམ་བཀོད་ཡོད། ཆབས་ཅིག་འདི་ནི་ཁུང་བུ་ཡོད་པའི་དཔེ་དེབ་ཅིག་ཡིན་པས། ཕྲུ་གུས་རང་དབང་མེད་པར་སྔོ་འབུ་ཆུང་ཆུང་གིས་ཁུང་བུའི་ནང་འཛུལ་བ་བཞིན་རང་གི་མཛུབ་མོ་ཁུང་བུའི་ནང་བརྒྱུད་པས། ཁོང་ཚོར་དཔེ་ཀློག་གི་སྤྲོ་སྣང་སྐྱེ་ངེས་ལ། བྱིས་དུས་ནས་དཔེ་ཀློག་ལ་དགའ་སྲིད།ཨེ་རུས་ཁར་རོའོ་ཡིས་ཕྲུ་གུ་ཚོར་རེ་བ་དགོས་ཏེ། སྔོ་འབུ་ཆུང་ཆུང་དང་འདྲ་བར་མ་གཞི་ཆུང་ཆུང་ཞིག་ལས་མེད་ནའང་། ཁོང་ཚོ་གཏན་གཏན་མཛེས་སྡུག་ལྡན་པའི་ཕྱེ་མ་ལེབ་ཏུ་འགྱུར་ནས་གང་སར་ཕུར་ཆོག ནོར་ནོར་བྱིས་སྒྲུང་ཁང་གིས་དུས་རྟག་ཏུ་འབད་བརྩོན་གྱིས་ལོ༠ནས༦བར་གྱི་བོད་པའི་ཕྲུ་གུ་ཚོར་དཔེ་དེབ་ཡག་ཤོས་དག་ཀློག་འདོན་ཐུབ་ནར་ཞབས་འདེགས་སྒྲུབ་ལ། ང་ཚོའི་རེ་བར་བོད་སྐད་ཀྱི《གྲོད་པ་ཤིན་ཏུ་ལྟོགས་པའི་སྔོ་འབུ་ཆུང་ཆུང་》ཞེས་པའི་དཔེ་དེབ་ཀྱིས་ཁོང་ཚོར་དཔེ་ཀློག་གི་སྤྲོ་སྣང་སྟེར་རྒྱུ་དང་། ཁོང་ཚོ་ཡང་མཛེས་སྡུག་ལྡན་པའི་ཕྱེ་མ་ལེབ་ཏུ་འགྱུར་ནས་འཛམ་གླིང་གི་ཕྱོགས་སུ་འཕུར་ཐུབ་པའི་རེ་བ་ཡོད།

"Sinopsis" puede pertenecer a otra edición de este libro.

(Ningún ejemplar disponible)

Buscar:



Crear una petición

¿No encuentra el libro que está buscando? Seguiremos buscando por usted. Si alguno de nuestros vendedores lo incluye en IberLibro, le avisaremos.

Crear una petición

Otras ediciones populares con el mismo título